དེ་ཡང་ཨོ་སི་ཊོ་ལི་ཡའི་དབུས་དངུལ་ཁང་གིས་རེས་གཟའ་མིག་དམར་ཉིན་སླར་ཡང་གཞུང་འབྲེལ་གྱི་དངུལ་གྱི་སྐྱེད་ཀའི་ཚད་གཞི་སྤར་རྒྱུ་གཏན་འབེབས་བྱས་ཡོད། དེས་ཁང་པའི་བུན་ལོན་གྱི་མ་འཇོག་གི་སྐྱེད་ཀ་མཐོ་རུ་ཆགས་ནས། ཁང་པའི་བུན་ལོན་ཡོད་མཁན་རྣམས་ལ་སེམས་འཕྲལ་བཟོས་ཡོད།
ཨོ་སི་ཊོ་ལི་ཡའི་བཀར་འཇུག་དངུལ་ཁང་གིས་སྐྱེད་ཀའི་ཚད་གཞི་སྤར་ཐེངས་ ༤ པ་དེ་ཆགས་ཡོད་པ་དང་། ཚོང་རའི་དཔལ་འབྱོར་རིག་པ་བ་ཚོས་གཞུང་འབྲེལ་གྱི་དངུལ་གྱི་སྐྱེད་ཀའི་བརྒྱ་ཆ་ ༥༠ སྤར་བ་དེས་ད་ཆ་དངུལ་སྒོར་གྱི་སྐྱེད་ཀའི་ཚད་གཞི་བརྒྱ་ཆ་ ༡་༨༥ ལ་སླེབས་ཡོད་པ་རེད་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་བཀར་འཇུག་དངུལ་ཁང་གིས་དངུལ་སྒོར་སྐྱེད་ཀ་ཚད་གཞི་དེ་བརྒྱ་ཆ་ ༢ ནས་ ༣ བར་དམིགས་ཚད་འཛིན་ཡོད་ཀྱང་། ཉེ་ཆར་ནོར་སྲིད་བློན་ཆེན་ཇིམ་ཆལ་མར་སི་ Jim Chalmers ལགས་ཀྱིས་ཕྱི་ཟླ་ ༡༢ པའི་ནང་སྐྱེད་ཀའི་ཚད་གཞི་མཐོ་ཤོས་ཏེ་བརྒྱ་ཆ་ ༧་༧༥ བར་སླེབས་སྲིད་སྐོར་ཉེན་བརྡ་བཏང་འདུག
སྐྱེད་ཀ་འཕར་བ་དེས་ཁང་པའི་མ་འཇོག་བུ་ལོན་ཡོད་མཁན་རྣམས་ལ་གནད་དོན་གང་ཞིག་ཆགས་ཀྱི་ཡོད་དམ།
དབུས་དངུལ་ཁང་གི་བསྐྱེད་ཀའི་ཚད་གཞི་འཕར་སྲིད་པའི་སྔོན་དཔག་དེས། དངུལ་ཁང་ཁག་ལ་གཏན་འཇགས་བཟོས་མེད་པའི་ཁང་པའི་བུན་ལོན་གྱི་བསྐྱེད་ཀའི་ཚད་གཞི་མཐོ་རུ་གཏོང་བའི་ལམ་ཁ་བཟོ་སྲིད་ཀྱི་ཡོད།
ཉེ་བའི་ཟླ་འགའི་ནང་སྐྱེད་ཀ་མཐོ་རུ་ཕྱིན་པ་དང་། བཀར་འཇུག་དངུལ་ཁང་གིས་ཁང་པའི་བུན་ལོན་བདག་པོ་རྣམས་ཀྱིས་སེམས་ཁྲལ་ཆུང་དུ་གཏོང་ཐབས་ལ་བསམ་བློ་བཏང་ཡོད། དོན་དངོས་སུ། ཉེ་ཆར་ཕྱི་ཟླ་ ༧ པའི་ནང་བཀར་འཇུག་དངུལ་ཁང་གི་འགན་འཛིན་གཞོན་པ་མེ་ཤལ་བྷུ་ལོ་ཁེ་ Michelle Bullock ལགས་ཀྱི་གཏམ་བཤད་ཅིག་གི་ནང་། ཁང་པའི་བུན་ལོན་བདག་པོ་ཕྱེད་ཀ་ཙམ་གྱིས་ཁོང་ཚོ་ཟླ་རེའི་བུན་ལོན་སྤྲོད་འཇལ་གྱི་སྐྱེད་ཀ་གཏན་འབེབས་བྱས་མེད་པ་དེ་ཚོ་ལོ་གཉིས་སྔོན་ཚུན་ནས་སྤྲོད་རྒྱུ་དེ་རེད་ཅེས་བཤད་འདུག
ཡིན་ནའང་ཝི་ཊོ་རི་ཡའི་ཁྲིམས་མཐུན་ལྟེ་གནས་ཀྱི་འགན་འཛིན་མའེ་ཐིའུ་མར་ཊིན་ Matthew Martin སོགས་ཁང་པའི་བུན་ལོན་གྱི་དཀའ་ངལ་ཡོད་མཁན་རྣམས་ལ་གནས་ཚུལ་འདིས་ཁོང་ཚོའི་བུན་ལོན་སྤྲོད་འཇལ་ཐད་སེམས་ནང་འཇིགས་སུ་རུང་བའི་སྣང་བརྙན་ཞིབ་བསྐྲུན་ཡོད།
སྐུ་ཞབས་མར་ཊིན་དང་ཁོའི་ལས་གྲོགས་རྣམས་ཀྱིས་བཀར་འཇུག་དངུལ་ཁང་གི་རྣམ་གྲངས་ནང་ཞུགས་མེད་པའི་མི་རྣམས་ལ་རོགས་རམ་བྱེད་བཞིན་ཡོད། ཁོང་ཚོ་མང་པོ་ཞིག་ནི་སེམས་ཁམས་བདེ་ཐང་མིན་པའི་མི་གནོད་འཚེ་ཕོག་སླ་བའི་རིགས་དང་། ཁག་ཅིག་ནི་ཁྱིམ་ཚང་ནང་དྲག་སྤྱོད་ཀྱི་གནོད་འཚེ་ཕོག་པའི་བུད་མེད་ཡིན་འདུག
ཁོང་གིས་དབུས་དངུལ་ཁང་གིས་དངུལ་སྨར་གྱི་སྐྱེད་ཀ་ཚད་གཞི་མཐོ་རུ་བཏང་བ་དང་ཆབས་ཅིག ཞབས་ཞུའི་དགོས་མཁོ་ཡང་ཇེ་ཆེར་སོང་ཡོད་པ་དང་། གནས་སྟངས་ཀྱང་ཇེ་སྡུག་ཏུ་སོང་ཡོད་སྐོར་བརྗོད་འདུག
སྐུ་ཞབས་མར་ཊིན་ལགས་ཀྱིས་དེ་སྔོན་ང་ཚོས་ཁང་པའི་བུན་ལོན་མཇོག་དཀའ་ངལ་ཐད་ཞུ་གཏུགས་བྱེད་མཁན་བརྒྱ་ཆ་ ༡༠ ཙམ་མཐོང་རྒྱུ་ཡོད་པ་དང་། ད་ཆ་ཁྲིམས་ཁང་ལ་ཞུ་གཏུགས་གྲ་སྒྲིག་བྱེད་མཁན་གྱི་བཞི་ཆ་ ༡ ཙམ་ཟིན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
སྔོན་དཔག་བྱེད་མཁན་ཚོས་བརྗོད་ན་གཞུང་འབྲེལ་གྱི་དངུལ་སྒོའི་སྐྱེད་ཀ་ཚད་གཞི་དེ་ལོ་རྗེས་མའི་ཕྱི་ཟླ་ ༣ པའི་ནང་རྩེ་མོར་སོན་ནས་བརྒྱ་ཆ་ ༣་༢༤ བར་འཕར་རྒྱུ་ཡིན་སྐོར་བརྗོད་འདུག