ཧྥི་ཧྥ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ SBS རླུང་འཕྲིན་ཐོག་ཐད་གཏོང་རིན་མེད་ཉན་སྟངས།

ཁཱ་ཊར་ནང་ཚུགས་ལ་ཉེ་བའི་ཧྥི་ཧྥ་ FIFA རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ཨོ་སི་ཊོ་ལི་ཡའི་ཁྱོན་དུ་ SBS ཡི་རླུང་འཕྲིན་ཐོག་ནས་ཐད་གཏོང་ཉན་སྟངས།

FIFA World Cup 2022.jpg
ཕྱི་ལོ་ ༢༠༢༢ ལོའི་ཧྥི་ཧྥ་ FIFA རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ཉིན་དངོས་སུ་རྩེད་འགྲན་འགོ་ཚུགས་རྒྱུ་དང་། ཨོ་སི་ཊོ་ལི་ཡའི་ནང་ SBS ཡི་རྒྱང་སྒྲོག་རླུང་འཕྲིན་ཐོག་རིན་མེད་ཐད་གཏོང་བྱ་རྒྱུ་ཡིན་པ་རེད། རྩེད་འགྲན་ཐེངས་གྲངས་ ༦༤ ཆ་ཚང་ཐད་ཀར་རིན་མེད་ཐོག་གསན་ཆོག
  • གྲངས་འཛིན་སྒྲ་སྡུད་འཕྲུལ་ཆས། Digital audio radio DAB
  • དྲ་ཐོག་ནས་རླུང་འཕྲིན་ཉན་སའི་ཁ་བྱང་། Online at sbs.com.au/radio
  • IOS དང་ཨན་ཌོར་མ་ལགས་ཅན་གྱི་ཁ་པར་སོགས་ཀྱི་ནང་ཕབ་ལེན་ཆོག་པའི་ SBS ཡི་མཉེན་ཆས། The SBS Radio mobile app for iOS
     | Android
    བཅས་ནས་གསན་ཆོག

རླུང་འཕྲིན་ཉན་སྟངས།

SBS གསར་ཁང་གིས་ཧྥི་ཧྥ་ FIFA རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་རྩེད་འགྲན་ཆེད་དུ་བཟོས་པའི་དྲ་ཚིགས་ཁ་བྱང་ SBS Radio website ཐོག་རླུང་འཕྲིན་ཨང་རྟགས་ ༡ དང་ ༢ པ་ ༣ པ་བཅས་ཀྱི་ཐོག་ཁྱེད་རང་གི་ཁ་པར་ནང་ཕབ་ལེན་བྱས་པའི་བརྙན་ཆས་བརྒྱུད། རྩེད་འགྲན་ཆ་ཚང་སྐད་ཡིག་གྲངས་ ༡༢ ནང་ཐད་གཏོང་རིན་མེད་ཐོག་གསན་ཆོག
  • རླུང་འཕྲིན་ཨང་རྟགས་དང་པོ་ SBS Football 1 དེ་ད་ལྟ་ནས་འགོ་འཛུགས་བྱས་ཡོད་པ་དང་། རླུང་འཕྲིན་འདིའི་བརྒྱུད་དབྱིན་སྐད་ཐོག་ནས་རྩེད་འགྲན་འགྲེལ་བརྗོད་དང་དུས་ཚོད་གཞན་ཆ་ཚང་འཛམ་གླིང་རྐང་རྩེད་སྤོ་ལོའི་རོལ་དབྱངས་ཐད་གཏོང་བྱ་རྒྱུ།
  • རླུང་འཕྲིན་ཨང་རྟགས་གཉིས་པ་དང་གསུམ་པ། SBS Football 2 and 3 ཕྱི་ཟླ་ ༡༡ པའི་ཚེས་ ༡༤ ཉིན་ནས་འགོ་འཛུགས་ཀྱིས་སྐད་ཡིག་གཞན་ཁག་གི་ཐོག་ནས་རྩེད་འགྲན་སྐོར་རླུང་འཕྲིན་ཐད་གཏོང་བྱ་རྒྱུ།
  • གཞན་ཡང་ SBS ཡི་ཨ་རབ་སྐད་ ༢༤ SBS Arabic24 ཞེས་པའི་དེའི་ཐོག་ནས་རྩེད་འགྲན་ཡོད་ཚད་ཨ་རབ་སྐད་ཐོག་ནས་ཐད་ཀར་རྒྱང་བསྲིང་བྱ་རྒྱུ།
རླུང་འཕྲིན་གྱི་རྒྱང་བསྲིང་ལས་རིམ་ཆ་ཚང་གཤམ་གྱི་དྲ་ཐག་ here འདི་ནས་གཟིགས།

ཧྥི་ཧྥ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་སྐོར་འཛམ་གླིང་ཁྱོན་ཡོངས་ཀྱི་རླུང་བརྙན་འཕྲིན་ཁག་དང་མཉམ་འབྲེལ་གྱིས་ SBS གསར་ཁང་གི་སྡིང་ཆ་ཐོག་ནས་ཨ་རབ་སྐད་ Arabic སི་པན་ནེ་ཤི Spanish, ཕོ་ཆི་གྷལ་སི་ Portuguese, ཧྥ་རན་ཆེ་ French, འཇར་མན་ German, ཌོ་ཆི་ Dutch, ཁེ་རོ་ཤན་ Croatian, ཕོ་ལི་ཤི་ Polish, ཉི་ཧོང་སྐད་ Japanese, ཀོ་རན་ Korean, ཕིར་ཤན་ Persian དབྱིན་སྐད་ English བཅས་སྐད་ཡིག་གྲངས་ ༡༢ ཐོག་རླུང་འཕྲིན་ཐད་ཀར་རྒྱང་བསྲིང་བྱ་རྒྱུ།

དུས་རྒྱུན་ SBS རླུང་འཕྲིན་ ༣ པ་དེ་རྩེད་འགྲན་སྐབས་ SBS ཡི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཆེད་དུ་བཟོས་པའི་རླུང་འཕྲིན་ཨང་རྟགས་ ༢ པ་ SBS Football 2 དེ་ཆགས་རྒྱུ་དང་། དེའི་རྒྱུད་སྐད་ཡིག་མ་འདྲ་བ་ཁག་གི་རྩེད་འགྲན་སྐོར་གྱི་རླུང་འཕྲིན་ཐད་གཏོང་བྱ་རྒྱུ། དེའི་སྐབས་སུ་ BBC ཡི་འཛམ་གླིང་གསར་འགྱུར་མུ་མཐུད་གསན་པར་ SBS Radio website ཐོག་ལ་གསན་རྒྱུ་ཡོད།

ཧྥི་ཧྥ་ FIFA འཛམ་གླིང་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་ཟླ་དུས་ཚེས་གྲངས་དང་ཆུ་ཚོད། FIFA World Cup 2022ᵀᴹ dates and times

SBS ཡི་རླུང་འཕྲིན་ཐོག་སྐད་ཡིག་ཁག་གི་ནང་ཐད་གཏོང་དུས་ཚེས་ཁག་དྲ་ཐག་ here འདི་ནས་གཟིགས།
  • རུ་ཁག་ཆ་ཚང་འགྲན་ཞུགས། Group Stage: November 21 - December 3
  • རྩེད་འགྲན་ཐེངས་གྲངས་ ༡༦ བར། Round of 16: December 4 - 7
  • བཞི་ཆ་གཅིག་གི་ནང་རྒྱལ་ཕབ་དབྱེ་མཚམས། Quarter-Finals: December 10 - 11
  • རྒྱལ་ཕམ་ཐག་གཅོད་ཀྱི་རྟིང་རྩོད་ཕྱེད་ཀ་བར། Semi-Finals: December 14 - 15
  • ཐེངས་གསུམ་པའི་འགྲན་བསྡུར་ནས་ཐེངས་བཞི་པའི་འགྲན་བསྡུར། 3rd vs 4th playoff: December 18
  • འཛམ་གླིང་བུམ་པའི་རྒྱལ་ཕམ་མཐའ་མའི་ཐག་གཅོད། World Cup Final: December 19

རྩེད་འགྲན་ལྟ་སྟངས།

ཕྱི་ལོ་ ༢༠༢༢ ལོའི་ཧྥི་ཧྥ་འཛམ་གླིང་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ SBS On Demand ཐོག་ནས་རིན་མེད་ཐད་གཏོང་ལ་གཟིགས་ཐུབ།

རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་བརྙན་འཕྲིན་ TV ཐོག་ནས་ཀྱང་གཟིགས་ཐུབ།
SBS དང་ SBS VICELAND བཅས་བརྙན་འཕྲིན་བརྒྱུད་ལམ་གཉིས་ཐོག་ནས་རྩེད་འགྲན་ཐེངས་ ༦༤ ཆ་ཚང་ཁྱོན་དུས་ཡུན་ཆུ་ཚོད་ ༥༠༠ བརྙན་འཕྲིན་ཐོག་ནས་སྟོན་རྒྱུ།

SBS On Demand ཐོག་ནས་རྩེད་འགྲན་ལ་བལྟ་བར་དྲ་ཐག་  SBS On Demand account ་ཐོག་ནས་ཐོ་འགོད་བྱས་ཚེ་ག་དུས་ཡིན་ཡིན་ནའང་རིན་མེད་ཐོག་ནས་ཐད་གཏོང་ལ་གཟིགས་ཐུབ།

རྩེ་འགྲན་ལ་གཟིགས་སའི་དྲ་ཐག SBS On Demand website
བརྙན་འཕྲིན་དང་ཡང་ན་མཉེན་ཆས་ཐོག་ལ་གཟིགས་འདོད་ཚེ་དྲ་ཐག Apple App Store
གྷོ་གྷལ་བརྒྱུད་ནས་གཟིགས་འདོད་ཚེ་དྲ་ཐག Google Play Store

Share

Published

Updated

Presented by Sangyal Dorjee
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service