ཨོ་སི་ཁྲུ་ཡའི་ནང་རང་ཉིད་ཀྱི་ཁང་ཁྱིམ་གནོད་འབུ་ལས་སྲུང་སྐྱོབ་བྱེད་ཐབས།

དུས་རྒྱུན་ནམ་དུས་དགུན་ཁར་མི་ཚོས་རང་ཉིད་ཀྱི་ཁང་པའི་ནང་འབུ་སྲིན་རིགས་ཡོང་གི་ཡོད་པའི་སེམས་ཁྲལ་དེ་འདྲ་བྱེད་བཞིན་མེད་ཀྱང་། ཨོ་སི་ཁྲུ་ལི་ཡའི་ནང་དགུན་དུས་གནམ་གཤིས་གྲང་བའི་སྐབས་སུ་ཡང་འབུ་སྲིན་དང་སྲོག་ཆག་མང་པོ་ཞིག་འཛུལ་ནས་ཡོང་གི་ཡོད་པ་རེད། འབུ་སྲིན་ཁག་ཅིག་ལོ་གཅིག་གི་ནམ་དུས་ཚང་མའི་ནང་འགུལ་བསྐྱོད་བྱེད་ཀྱི་ཡོད། གཙོ་བོར་ཁྱེད་རང་གནས་སྡོད་བྱེད་སའི་ས་གནས་ལའང་རག་ལུས་ཡོད་པ་རེད།

PEST_AE9189-AusExpl_Social_108.png
མལ་ཁྲིའི་འབུ་དང་། འབུ་བྱི་ལོང་། ཙི་ཙི། དུག་སྦྲང་བཅས་ནི་ཁྱབ་ཆེ་ཤོས་ཤིག་རེད། དྲན་སོས་དགོས་པ་ཞིག་ལ་འབུ་སྲིན་གྱི་གནོད་འཚེ་དེས་ཁྱེད་ཀྱི་ཁང་ཁྱིམ་དང་རྒྱུ་ནོར་གྱི་རིན་ཐང་ཡང་དམའ་རུ་གཏོང་སྲིད་པ་ཞིག་རེད། 

ལེ་ཚན་འདིའི་ནང་སྡོད་ཁྱིམ་ནང་གི་འབུ་སྲིན་སྐོར་ཆེད་མཁས་པ་ཚོ་དང་མཉམ་དུ་གལ་སྲིད་ཁྱེད་རང་གི་སྡོད་ཁྱིམ་ནང་ལ་འབུ་སྲིན་རིགས་ཡོད་ཚེ་དེ་ཚོ་མེད་པ་བཟོ་སྟངས་དང་ལག་ལེན་གང་འདྲ་བྱེད་དགོས་མིན་སྐོར་རྒྱུས་ལོན་བྱ་རྒྱུ་ཡིན། 

སྤྱིར་ཨོ་སི་ཁྲུ་ལི་ཡའི་ནང་དུས་རྒྱུན་འབུ་སྲིན་མང་ཤོས་ནི་ནམ་ཟླ་དྲོ་བའི་དུས་སྐབས་སྟེ། དབྱར་ཁར་འབུ་སྲིན་མང་པོ་ཞིག་སྐྱེ་འཕེལ་བྱེད་བཞིན་ཡོད་པ་དང་། རྒྱུ་མཚན་ནི་འབུ་སྲིན་མང་ཆེ་བ་ཁོང་ཚོ་དྲོད་ཁོལ་དང་རླན་གཤེར་ལ་བརྟེན་ཡོད། 

ཡིན་ན་ཡང་དགུན་ཁའི་དུས་སུ་མཚན་མོར་གལ་སྲིད་ཁྱེད་རང་གཉིད་ལས་སད་སྐབས་དུག་སྦྲང་གི་སོ་བརྒྱབ་པ་ལྟར་བུ་ཞིག་ཚོར་ཚེ་དེ་ནི་སེམས་ནང་གང་བྱུང་དྲན་པ་ཞིག་མ་ཡིན་པ་དངོས་སུ་དུག་སྦྲང་གིས་སོ་བརྒྱབ་ཡོད་སྲིད་པ་ཞིག་རེད། 

སྐུ་ཞབས་ཁེ་མེ་རོན་ཝི་བུ་ Cameron Webb ལགས་ནི་སིཌ་ནིང་གཙུག་ལག་སློབ་གཉེར་ཁང་དང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནད་རིགས་འཕྲོད་བསྟེན་ལྷན་ཁང་གི་འབུ་སྲིན་རིག་པ་བ་དང་དགེ་རྒན་ཆེན་མོ་གཞོན་པ་ཞིག་རེད། 

ཁོང་གིས་དུག་སྦྲང་གི་རིགས་འགའ་ཤས་ནི་ལོ་འཁོར་མོའི་ནང་གནས་ཀྱི་ཡོད་པ་རེད། ང་ཚོར་ཨོ་སི་ཁྲུ་ལི་ཡའི་ནང་ཆ་བཞག་ན་དུག་སྦྲང་གི་རིགས་མི་འདྲ་བ ༣༠༠ ཙམ་ཡོད། དེ་དག་ལས་འགའ་ཤས་ནི་ལོ་གཅིག་གི་གྲང་ངར་ཆེ་བའི་ཟླ་བ་ཁ་ཤས་རིང་ལ་མི་སྣང་བར་འགྱུར་ཡང་། གཞན་དག་ནི་རྒྱུན་དུ་གནས་ཀྱི་ཡོད། དུག་སྦྲང་དེ་ཚོ་ང་ཚོའི་ཁང་པའི་ཉེ་འཁོར་དང་གྲོང་ཁྱེར་གྱི་ས་ཁུལ་དུ་གནས་ཀྱི་ཡོད། དེ་དག་ནི་ཆར་ཆུའི་འཁྱིལ་ས་དང་།  རྫིང་བུ། ཆུ་འདམ་སོགས་བརླན་བཤེར་ཡོད་སར་འཁོར་གྱི་ཡོད་པ་རེད་ཅེས་གསུངས་འདུག 

ནམ་ཟླ་གྲང་བའི་སྐབས་སུ་དུག་སྦྲང་ཁང་པའི་ནང་དུ་ཡོང་བཞིན་ཡོད་ཀྱང་། དུག་སྦྲང་ལས་བྱུང་བའི་ནད་དུག་འགོས་ཁྱབ་ཀྱི་ཉེན་ཁ་ཅུང་ཆུང་ཆུང་ཡིན་པ་རེད།

ཡང་ཁོང་གིས་གྲང་ངར་ཆེ་བའི་ནམ་དུས་སུ་ཡང་དུག་སྦྲང་གིས་ང་ཚོར་གནོད་འཚེ་གཏོང་གི་ཡོད་ཀྱང་འཕྲོད་བསྟེན་བདེ་ཐང་ལ་དེ་ཙམ་གནོད་ཀྱིི་མེད། དུག་སྦྲང་རྣམས་ཁྱིམ་ནང་དུ་འཕུར་བཞིན་པ་ང་ཚོས་མཐོང་ཐུབ་ལ་དེ་དག་གིས་སོ་འདེབས་ཀྱི་ཡོད་ཀྱང་། དུག་སྦྲང་ལས་འབུ་ཕྲ་སྐྱེད་ནས་ན་ཚ་གཞན་དག་འགོས་པ་ཉེན་ཁ་དེ་ཙམ་མེད་པ་རེད་ཅེས་གསུངས་འདུག 

བྱི་ལོང་ Cockroaches ནི་དགུན་དུས་ཁང་པའི་ནང་དུ་དྲོད་ཁོལ་དང་རླན་གཤེར་གྱི་ཁོར་ཡུག་ལ་ཁེ་ཕན་བླངས་ནས་ཟས་རིགས་ཀྱི་ཐོན་ཁུངས་བཀོལ་སྤྱོད་བྱེད་མཁན་གྱི་འབུ་སྲིན་གྱི་རིགས་ཤིག་རེད།

ཌོ་ཊར་ཝེ་བེ་ Dr Webb ལགས་ཀྱིས་ཁྱེད་ཀྱི་ཁྱིམ་དུ་གཙང་སྦྲ་དང་འབུ་སྲིན་འཕེལ་རྒྱས་བཀག་འགོག་ཐུབ་ཚེ་དེས་བྱི་ལོང་དང་ཡང་ན་འབུ་སྲིན་གཞན་དག་་བརྒྱུད་ནས་ནད་རིགས་འགོས་ཁྱབ་འགོག་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་གསུངས་འདུག 

གད་སྙིགས་སོགས་གསོག་འཇོག་བྱས་པའི་སྐབས་སུ་འབུ་ཆ་ག་པ་སོགས་འཕེལ་རྒྱས་འགྲོ་གི་ཡོད། ང་ཚོའི་ཁང་པའི་རྒྱབ་རའི་མཐའ་སྐོར་དུ་ཆུ་ཡོད་པ་དང་། སྒེའུ་ཁུང་དང་ཆར་ཆུའི་མཛོད་ཁང་སོགས་ལ་དྲ་ཚགས་བཀབ་མེད་ན་དུག་སྦྲང་སོགས་འཕེལ་རྒྱས་འགྲོ་གི་ཡོད། 

གལ་སྲིད་འབུ་སྲིན་གྱིས་གནོད་འཚེ་བྱས་ན་འཕྲལ་དུ་འབུ་གསོད་སྨན་རྫས་དང་རྫས་འགྱུར་གྱི་དུག་སྨན་བེད་སྤྱོད་གཏོང་མི་དགོས་པ་བྱ་རྒྱུ་དྲན་སོས་དགོས་པ་གལ་ཆེན་པོ་ཡིན། དམིགས་བསལ་ཕྱི་རོལ་དུ་དུག་སྨན་བཀོལ་སྤྱོད་བྱས་ན་ལོ་གཅིག་གི་གྲང་ངར་ཆེ་བའི་ཟླ་བ་ཁ་ཤས་རིང་ཕན་ཐོགས་ཅན་གྱི་འབུ་སྲིན་རྣམས་ལའང་གནོད་སྐྱོན་གཏོང་སྲིད་ཅེས་གསུངས་འདུག

ཁོང་གིས་གལ་ཏེ་དགོས་མཁོ་བྱུང་ན་ཁྱེད་ཀྱི་ས་གནས་ཀྱི་ཆེད་དམིགས་ཚོང་ཁང་དང་ཚོང་ཁང་ཆེན་པོའི་ནང་དུ་ཡོད་པའི་འབུ་ཕྲ་གསོད་པའི་ཐོན་རྫས་ཁོ་ན་བེད་སྤྱོད་གཏོང་དགོས་པའམ་ཡང་ན་ཆེད་ལས་པ་ཞིག་ལ་དེ་དག་གི་བཀོལ་སྤྱོད་བྱེད་པར་བཀོད་སྒྲིག་བྱ་རྒྱུ་གལ ཆེན་པོ་རེད་ཅེས་གསུངས་འདུག 

ཌེ་ཝེ་ཌི་གྷེ་ David Gay ལགས་ནི་འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་འབུ་སྲིན་གྱི་གནོད་འགོག་ལས་རིགས་ནང་ཞུགས་མྱོངས་ཡོད་པ་རེད།

ཁོང་གིས་ཉལ་ཁྲིའི་སྟེང་གི་འབུ་ bed bugs དེ་ཚོ་ནི་ལོ་ཧྲིལ་པོར་རྒྱུན་མི་ཆད་པར་མི་རྣམས་གནས་སྡོད་བྱེད་ས་དང་ཚོང་ཁང་སོགས་སུ་མཐོང་རྒྱུ་ཡོད་པའི་གནོད་འབུ་ཞིག་རེད་ཅེས་གསུངས་འདུག 

ཁང་པའི་ནང་འབུ་སྲིན་རིགས་གཙང་བཟོ་ཆེད་ཁྱེད་རང་གིས་དམིགས་བསལ་ཆེད་ལས་པར་སྐད་གཏོང་སྐབས། ཁོང་ཚོར་ལག་འཁྱེར་ཡོད་མེད་བལྟ་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད།

གྲོང་ཁྱེར་གྱི་ཁོར་ཡུག་ཆེད་ལས་འབུ་སྲིན་དོ་དམ་པ་ཨོ་སི་ཁྲུ་ལི་ཡའི་ཁོར་ཡུག་འབུ་སྲིན་དོ་དམ་ཚོགས་པ་ Australian Environmental Pest Managers Association (AEPMA) ནི་བཟོ་ལས་ཁང་ཆེ་ཤོས་ཤིག་ཡིན་པ་དང་། ཚོགས་པ་དེའི་ཚོགས་མི་རྣམས་ལ་འབུ་སྲིན་འགོག་བཅོས་ཀྱི་ལས་དོན་སྤེལ་ཆོག་པའི་ཆོག་མཆན་དང་ཉེན་སྲུང་ཚང་མ་ཡོད་པ་རེད།

Share

Published

Updated

Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service