དོན་དངོས་ཐོག་བཟའ་ཚང་ཟེར་བ་དེ་ག་རེ་རེད་དམ།

ཨོ་སི་ཊོ་ལི་ཡའི་ནང་ཆང་ས་བརྒྱབ་མེད་ཀྱང་མི་གཉིས་འཚོ་བ་མཉམ་དུ་སྐྱེལ་བ་ཡིན་ན་ཁོང་ཚོའི་དོན་དངོས་ཀྱི་འབྲེལ་བ་དེ་ད་དུང་ཁྲིམས་ཐོག་ནས་ངོས་འཛིན་ཐོབ་ཀྱི་ཡོད། འབྲེལ་བ་དེ་བཞིན་དེབ་སྐྱེལ་བྱེད་པར་མངའ་སྡེ་སོ་སོར་འགྲོ་ལུགས་འགྲོ་སྟངས་མ་འདྲ་བ་ཡོད།

de_facto-AusExpl_Social_1080x1350_LongLeftAligned_Orange.png
འོན་ཀྱང་བཟའ་འཐོར་བྱེད་པར་བཟའ་ཚང་གི་འབྲེལ་བ་དེ་བཞིན་ཨོ་སི་ཊོ་ལི་ཡའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་གཅིག་པ་ཡིན་པ་དང་། དོན་དངོས་ཀྱི་འབྲེལ་ལམ་དེ་ཆང་ས་བརྒྱབ་པའི་བཟའ་ཚང་དང་སྲུང་སྐྱོབ་གཅིག་པ་ཡིན། 

ཉེ་བའི་ཆར་གྱི་མི་འབོར་ཞིབ་བཤེར་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་མི་འབོར་ས་ཡ་གཉིས་ཙམ་དོན་དངོས་བཟའ་ཚང་གི་འབྲེལ་བ་ཡོད་པའི་དེབ་སྐྱེལ་བྱས་ཡོད་འདུག 

འོན་ཀྱང་ཡང་སྙིང་ཅི་ཞིག་ནི་དོན་དངོས་ཀྱི་འབྲེལ་བ་ཡིན་པ་དང་། ནམ་ཞིག་ལ་བཅའ་ཁྲིམས་ཀྱིས་ཁས་བླངས་བ་ཡིན་ནམ། Family Law Act <<ཁྱིམ་ཚང་སྐོར་གྱི་བཅའ་ཁྲིམས་>>ནང་དོན་དངོས་ཀྱི་འབྲེལ་བའི་མཚན་ཉིད་རགས་བཤད་རྒྱ་ཁྱབ་ཏུ་བྱས་ཡོད་ཅིང་། དེ་ནི་མཚན་མཐུན་ནམ་མཚན་ཐ་དད་གཉིས་སུ་བརྗོད་པའི་མི་དེ་གཉིས་"ཁྱིམ་ཚང་ངོ་མའི་རྨང་གཞིའི་ཐོག་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། 

ཁྱེད་ཀྱི་འབྲེལ་བ་དེ་དོན་དངོས་ཀྱི་འབྲེལ་བའི་གོ་རིམ་དང་བླང་བྱ་དེ་ཁྱེད་རང་སྡོད་སའི་ཁུལ་ལམ་ས་ཁུལ་ལ་རག་ལས་ཡོད། 

དཔེར་ན། ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེའི་ནང་དོན་དངོས་ཀྱི་འབྲེལ་བ་ནི་ Relationship Register Act 2016 ༢༠༡༦ ལོའི་<<འབྲེལ་བའི་ཐོ་འགོད་བཅའ་ཁྲིམས་>>གཞིར་བཟུང་ནས་ཐོ་འགོད་བྱས་པ་རེད། གལ་ཏེ་ཐོ་འགོད་བྱས་ན་ཨོ་སི་ཁྲུ་ལི་ཡའི་ས་ཆ་གང་རུང་གི་བཅའ་ཁྲིམས་ཀྱི་རང་འགུལ་ཁས་ལེན་འདོན་སྤྲོད་བྱེད་རྒྱུ་རེད།

ནེ་ཀོ་ལེ་ཨེ་ཝན་སི་ Nicoens Evans ལགས་ནི་ཁྱིམ་ཚང་གི་བཅའ་ཁྲིམས་ཐད་ཆེད་ལས་ཀྱི་ཤེས་བྱ་ལྡན་པའི་སིཌ་ནིང་ནང་ཁྲིམས་རྩོད་པ་ཞིག་ཡིན་པས། ཁོ་མོས་ཐོ་འགོད་དོན་དངོས་ཀྱི་འབྲེལ་བ་ཐོ་འགོད་བྱེད་པར་ཕན་ཐོགས་ཅུང་ཟད་ཡོད་པ་ནན་བཤད་བྱས། 

ཁོང་གིས་ ཐོག་མར་དེས་བཅའ་ཁྲིམས་ལ་རང་འགུལ་གྱིས་ཁས་བླངས་པ་སྟེ། ཁོ་ཚོ་དོན་དངོས་ཐོག་གི་འབྲེལ་བའི་ནང་དུ་གནས་ཡོད་པས། ཞིབ་གཅོད་ཐེངས་དང་པོའི་ནང་དེ་ར་སྤྲོད་བྱ་དགོས་དོན་མེད། དེའི་ཐོག་ནས་འཐུས་མཆན་ལག་ཁྱེར་འཐོབ་རྩིས་བྱེད་མཁན་དེ་ཚོར་རོགས་རམ་བྱེད་སྲིད།གལ་ཏེ་གྲོགས་པོ་ཚེ་ལས་འདས་ཚེ་ཤུལ་བཞག་རྒྱུ་དངོས་ཀྱི་ཕྱོགས་ནས་ཁོ་ཚོར་ཤུགས་རྐྱེན་ཐེབས་སྲིད་པས། ཁོ་ཚོ་དོན་དངོས་ཀྱི་འབྲེལ་བའི་ཁྲོད་དུ་གནས་པ་མཚོན་ཐུབ། 

ལྕམ་ཨེ་ཝན་སི་ལགས་ཀྱིས་ ཨེ་ཝུན་སི་བུད་མེད་ཀྱིས་འགྲེལ་བཤད་བྱས་དོན། ཁྲིམས་མཐུན་གྱི་བུ་བཙའི་ཐད་ནས་བལྟས་ན། ཐོ་འགོད་དོན་དངོས་ཀྱི་འབྲེལ་བ་ཡང་ཧ་ཅང་གལ་ཆེན་ཡིན་པ་དང་། ལྷག་པར་དུ་མཚན་མཐུན་གྱི་གྲོགས་པོ་ལ་མཚོན་ན་གནད་འགག་ཆགས་ཡོད་སྐོར་བརྗོད་འདུག 

ཡང་ཁོ་མོས་ ལྷག་པར་དུ་བུད་མེད་ལ་ཆ་མཚོན་ན <<ཁྱིམ་ཚང་སྐོར་གྱི་བཅའ་ཁྲིམས་>>ནང་ཕ་མ་ངོ་མ་མིན་པ་དེ་ཕྱོགས་ཅིག་ཤོས་ཀྱི་ཁྲིམས་མཐུན་ཕ་མར་ཁས་ལེན་དགོས་པའི་བླང་བྱ་བཏོན འདིས་ཕྱོགས་གཉིས་ཀྱི་བྱིས་པ་མངལ་ཆགས་པའི་སྐབས་སུ་ངེས་པར་དུ་དོན་དངོས་ཀྱི་འབྲེལ་བའི་ཁྲོད་དུ་གནས་དགོས་པ་མཚོན། དེར་བརྟེན་དོན་དངོས་ཀྱི་འབྲེལ་བ་ཐོ་འགོད་བྱེད་པར་རང་འགུལ་གྱི་བཅའ་ཁྲིམས་ཀྱི་གོ་གནས་འདོན་སྤྲོད་བྱས་ཡོད་སྐོར་བརྗོད་འདུག 

ཁ་གྱེས་པའི་གནས་ཚུལ་འོག་གལ་ཏེ་འབྲེལ་བ་ཐོ་འགོད་བྱས་མེད་པ་དང་། གྲོགས་པོ་སྔོན་མ་གཉིས་ཁྲོད་ཀྱི་ཕྱོགས་གཅིག་ཁྲིམས་ཁང་གིས་གྱོང་གསབ་ལེན་པ་དཔེར་ན། རྒྱུ་ནོར་བགོ་བཤའ་རྒྱག་པའམ་ཡང་ན་བཟའ་ཟླའི་བསྙེན་བཀུར་གྲོན་དངུལ་གཏན་འཁེལ་བྱེད་དགོས། 

རྒྱུ་རྐྱེན་འདི་དག་གི་ནང་དུ་འབྲེལ་བའི་རིང་ཐུང་དང་། སྤྱི་དམངས་ཀྱི་མཚན་སྙན། ཐུན་མོང་གི་ནོར་དོན་གྱི་གནས་ཚུལ། ཡོད་མིན་གྱི་འབྲེལ་བ། ཁྱོ་ཤུག་གཉིས་ཀ་མཉམ་དུ་བསྡད་ཡོད་མེད་བཅས་ཚུད་ཡོད། 

ཨའེ་ཝུན་སི་བུད་མེད་ཀྱི་བཤད་ཚུལ་ལྟར་ན། ཁྲིམས་ཁང་གིས་བརྟེན་པའི་ཚད་གཞི་དེ་ཞིབ་ཕྲའི་གྱོད་དོན་ལ་རག་ལས་པ་དང་། ཁོ་མོས་དོན་དངོས་ཀྱི་འབྲེལ་བའི་གྲུབ་ཚུལ་སྐོར་གྱི་རྒྱུན་མཐོང་གི་གོ་ལོག་འགའ་ཤས་རགས་ཙམ་བཤད་པ་རེད། 

 མི་མང་པོ་ཞིག་གིས་ཁྱོད་ཀྱིས་ངེས་པར་དུ་འབྲེལ་བ་དུམ་བུ་ཞིག་གི་ནང་ནས་ལོ་གཉིས་སོང་རྗེས་གཞི་ནས་དོན་དངོས་སུ་འགྱུར་ཐུབ་པར་འདོད་མོད། འོན་ཀྱང་དོན་དངོས་ནི མི་མང་པོ་ཞིག་གིས་གལ་ཏེ་ཁྱོད་དོན་དངོས་ཀྱི་འབྲེལ་བའི་ཁྲོད་དུ་གནས་ཡོད་ན། ལོ་གཉིས་ཀྱི་རྗེས་སུ་ཁྱོད་ལ་གློ་བུར་དུ་ཕ་རོལ་པོའི་རྒྱུ་ནོར་བརྒྱ་ཆ་ ༥༠ ཐོབ་པའི་དབང་ཆ་ཡོད་པར་འདོད། དེ་བཞིན་དུ་འདི་ངོ་མ་མ་རེད། དེར་བརྟེན་མི་མང་པོ་ཞིག་གིས་ཁྱེད་ཚོའང་ངེས་པར་དུ་མཉམ་དུ་བསྡད་ན་མ་གཏོགས་དོན་དངོས་ཐོག་གི་འབྲེལ་བ་འཛུགས་མི་ཐུབ་བསམས་མོད། འོན་ཀྱང་དོན་དངོས་ནི་དེ་འདྲ་ཞིག་མ་རེད། ཁྲིམས་གཅོད་ཀྱི་ཁྲིམས་སྲོལ་ཡོད་པ་སྟེ། ཁྱོད་དོན་དངོས་ཀྱི་འབྲེལ་བའི་ཁྲོད་དུ་གནས་ཆོག་མོད། འོན་ཀྱང་ཁང་བ་མི་འདྲ་བའི་ནང་དུ་བསྡད་ཆོག་ཅེས་གསུངས་འདུག

ཐ་ན་ཁྲིམས་གཅོད་བཅའ་ཁྲིམས་ཀྱིས་དོན་དངོས་ཁྱོ་ཤུག་ཡོད་པ་ཁས་བླངས་པ་དང་། དེའི་ནང་གི་མི་གཅིག་དང་མི་གཞན་པ་ཁྲིམས་མཐུན་ངང་གཉེན་སྒྲིག་བྱས་ནའང་ཆོག 

ཨོ་སི་ཊོ་ལི་ཡིའི་གྲོང་ཁྱེར་བྷིར་སི་བྷན་ Brisbane ཁྱིམ་ཚང་ཁྲིམས་ལུགས་ཆེད་མཁས་པ་ཌ་མན་གྷར་ ལགས་ཀྱིས་འགྲེལ་བརྗོད་གནང་དོན།

གནས་ཚུལ་འདིའི་རིགས་རྟག་ཏུ་འབྱུང་མི་སྲིད། གནས་ཚུལ་དེ་བས་མང་བ་ཞིག་ནི་མི་འགའ་ཞིག་གཉེན་སྒྲིག་བྱས་ཟིན་མོད། འོན་ཀྱང་བཟའ་ཚང་ཁ་བྲལ་མ་མྱོང་། དེ་ནས་ཁོ་ཚོ་དོན་དངོས་ཐོག་གི་འབྲེལ་བའི་ནང་ཞུགས་པ རྒྱབ་ལྗོངས་འདི་ནས་བལྟས་ན། ཁྱོད་ཀྱིས་ཁྱོ་ག་སུ་གཉེན་སྒྲིག་མིན་པའི་འབྲེལ་བའི་ཁྲོད་དུ་གནས་སུ་བཅུག་ཆོག་ཅེས་བཤད་ཆོག་པ་དང་། འབྲེལ་བ་དེ་རིགས་ཐོར་ཞིག་ཏུ་སོང་བས་ཁྲིམས་ཁང་ལ་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་ཞུ་མཁན་མེད། དེ་ནས་ཁྱོ་ག་དང་མི་གཞན་དག་བར་འབྲེལ་བ་གཞན་ཞིག་ཏུ་ཞུགས་པར་མ་ཟད། ཁོ་ཚོ་དང་གཉེན་སྒྲིག་ཀྱང་བྱས་མེད།འོན་ཀྱང་ཁོ་ཚོ་དང་མཉམ་དུ་ལོ་ལྔ་དྲུག་ཙམ་འཚོ་བ་སྐྱེལ་བ་རེད། ཁོང་གིས་གཉེན་སྒྲིག་བྱས་པ་མ་ཟད། དོན་དངོས་ཐོག་གི་ཟླ་བོ་ཞིག་ཀྱང་ཡོད་ཅེས་གསུངས་འདུག

Share

Published

Updated

Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
དོན་དངོས་ཐོག་བཟའ་ཚང་ཟེར་བ་དེ་ག་རེ་རེད་དམ། | SBS Tibetan