གདོད་མའི་མི་རིགས་ཀྱི་འབོད་སྒྲ་འོས་བསྡུ་ལས་ཕམ་ཉེས་བྱུང་བས་འབོད་སྒྲ་སླར་ཡང་གོ་ཐུབ་བམ།

ANTHONY ALBANESE VOICE REFERENDUM ADDRESS

Australian Prime Minister Anthony Albanese and Minister for Indigenous Australians Linda Burney deliver a statement on the outcome of the Voice Referendum at Parliament House in Canberra, Saturday, October 14, 2023. Australians today voted on whether to enshrine an Indigenous voice in the country's constitution. (AAP Image/Lukas Coch) NO ARCHIVING Credit: AAPIMAGE

ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་དེ་སྔོན་ལོ་གཅིག་གོང་གདོད་མའི་མི་རིགས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་དགོས་འདུན་འབོད་སྒྲ་གྲོས་གཞི་ཐད་རྒྱལ་ཡོངས་འོས་བསྡུ་ལས་ཕམ་ཉེས་བྱུང་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད། སྐབས་དེའི་རྒྱབ་སྐྱོར་མོན་མཐུན་ཡོད་མེད་རྒྱལ་ཡོངས་འོས་བསྡུ་སྐབས་མི་མང་མང་ཆེ་བས་མོས་མཐུན་དང་རྒྱབ་སྐྱོར་མེད་ NO ཅེས་བསམ་ཤོག་འཕེན་ཡོད་ཀྱང་། དེ་ནི་དུས་ནམ་ཡང་འགྱུར་བ་མེད་པ་ཞིག་ཆགས་ཀྱི་མེད།


 མངའ་སྡེ་མང་པོ་ཞིག་གིས་བདེན་གཏམ་དང་ཆིངས་ཡིག་འཇོག་རྒྱུའི་ཐད་ལ་མདུན་སྐྱོད་བྱེད་བཞིན་ཡོད། མ་ཚད་མངའ་སྡེའི་གཞུང་མང་པོ་ཞིག་གིས་གདོད་མའི་མི་རིགས་ཀྱི་ཚོགས་སྡེ་དབར་ལ་གྲོས་མཐུན་བཞག་པ་དང་། ཁོང་ཚོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ལ་མཉམ་ལས་བྱེད་བཞིན་ཡོད། 

ཕམ་ཉེས་བྱུང་བའི་གདོད་མའི་མི་རིགས་ཀྱི་འབོད་སྒྲ་སྐོར་འོས་བསྡུ་དེ་ནས་བཟུང་ཟླ་བ་བཅུ་གཉིས་སོང་རྗེས། ཨུ་ལུ་རུ་ཡི་སེམས་གཏམ་ནང་གི་བརྗོད་གཞི་གསུམ་སྟེ། འབོད་སྒྲ་དང་། ཆིངས་ཡིག བདེན་དོན་བཅས་ཀྱི་ཐད་ལ་མདུན་སྐྱོད་བྱ་རྒྱུ་ནི་ད་ལྟ་མངའ་སྡེ་དང་ས་ཁུལ་སོ་སོའི་སྲིད་གཞུང་གི་ལག་ནང་ལ་ཡོད་པ་རེད། 

ཨོ་སི་ཁྲུ་ལི་ཡའི་སྲིད་བློན་ཨན་ཐོན་ནིང་ཨལ་བྷ་ནེ་སིས་ Anthony Albanese ཁོ་རང་ལམ་ཁ་དེའི་ཐོག་ལ་བསྐྱར་དུ་མདུན་བསྐྱོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག 

ཁོང་གིས་གནད་དོན་དེ་ལ་ལྟ་ཚུལ་མི་འདྲ་བ་ཡོད་ཀྱང་། རྒྱལ་ཁབ་ནང་རིག་མཐུན་ཀྱི་ཚོགས་སྡེ་ཞིག་མེད་པས་ཐོབ་ཐང་དེ་འདྲ་ཞིག་སྤྲོད་རྒྱུ་ནི་འོས་ཤིང་འཚམ་པ་ཞིག་རེད་ཅེས་གསུངས་འདུག 

ཨོ་སི་ཁྲུ་ལི་ཡའི་ནང་ཁྲིམས་ཁང་མི་འདྲ་བ་སོ་སོའི་ཁྲིམས་སྲོལ་ལྟར་ལས་དོན་སྒྲུབ་བཞིན་ཡོད་འགྲོ་བཞིན་ཡོད་པ་དང་། ཝི་ཊོ་རི་ཡ་མངའ་སྡེ་ནི་གནད་དོན་དེའི་ཐད་ལས་དོན་ཆེས་མགྱོག་ཤོས་སུ་ཆགས་ཡོད། 

ཐེངས་དང་པོ་འོས་ཤོག་གི་ལམ་ནས་བསྐོ་བཞག་བྱས་པའི་གདོད་མའི་མི་རིགས་ཀྱི་ལྷན་ཚོགས་ནི་རང་དབང་ཅན་གྱི་ཚོགས་ཆུང་ཞིག་ཆགས་ཡོད། ཚོགས་ཆུང་དེས་མངའ་སྡེའི་གཞུང་སོ་སོར་གྲོས་མོལ་བྱ་རྒྱུ་ཐད་ལས་དོན་སྒྲུབ་བཞིན་ཡོད།

གྲོས་མོལ་གྱི་ལས་དོན་ཁག་ཟླ་བ་རྗེས་མའི་ནང་འགོ་འཛུགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་འདུག 

ཝི་ཊོ་རི་ཡས་ Yoorrook ཡོ་རོ་ཁེ་ཁྲིམས་ཞིབ་ལྷན་ཚོགས་ཤིག་གསར་འཛུགས་བྱས་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་གདོད་མའི་མི་རིགས་ཀྱིས་སྣེ་ཁྲིད་པའི་བདེན་དོན་འདྲི་ཞིབ་ཀྱི་གཞུང་འབྲེལ་ཚོགས་པ་ཐོག་མ་ཆགས་ཡོད། 

ལྷན་ཚོགས་དེས་ཕྱི་ལོ་ ༢༠༢༢ ནས་བཟུང་དེ་གདོད་མའི་མི་རིགས་ཀྱིས་དགོས་འདུན་འབོད་སྒྲ་སྐོར་ཉན་ཞིབ་བྱས་ཡོད་པ་དང་། སྙན་ཐོ་ཁག་ལོ་རྗེས་མའི་ལོ་དཀྱིལ་དུ་འདོན་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་འདུག 

ཡོ་རོ་ཁེ་ཁྲིམས་ཞིབ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སུ་ཨན་ཧན་ཊར་ Sue-Anne Hunter ལགས་ཀྱིས་མ་འོངས་པར་གྲོས་འཆར་ཆེད་བདེ་དོན་ཀྱི་ལས་རིམ་གྲོས་གཞི་དེ་གཞུང་ལ་འབུལ་འཆར་ཡོད་སྐོར་བརྗོད་འདུག 

ང་ཚོ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་མདུན་སྐྱོད་བྱེད་དགོས་ན། འདས་དོན་ཤེས་རྟོགས་བྱེད་པར་བདེན་པ་བརྗོད་པའི་བརྒྱུད་རིམ་དེ་དགོས་ཀྱི་ཡོད་པ་རེད། ང་ཚོ་ལྷན་ཅིག་ཏུ་མདུན་སྐྱོད་བྱེད་དགོས། ང་ཚོས་འདས་དོན་གྱི་ནང་དུ་མ་འཛུལ་བར། འདས་དོན་ནི་ཕན་ཚུན་ལ་དབྱེན་སྦྱོར་བྱེད་མཁན་ཞིག་ཏུ་གྱུར་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་། ང་ཚོས་འདས་དོན་ལས་ཇི་ལྟར་ཤེས་རྟོགས་བྱུང་བ་ལྟར་ལྷན་ཅིག་ཏུ་མ་འོངས་པའི་ཆེད་མདུན་སྐྱོད་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

ཁུན་སི་ལན་ཌི་མངའ་སྡེའི་གཞུང་གིས་ཕྱི་ལོ ༢༠༢༣ ལོའི་ཟླ་བ་ལྔ་པའི་ནང་། ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཆིངས་ཡིག་གི་ལམ་བུ་ཞེས་པའི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་ཡོད་པ་རེད། ན་ནིང་ཕྱི་ཟླ་ ༧ པའི་ནང་བདེ་དོན་སྨྲ་བ་དང་གསོ་བཅོས་འདྲི་ཞིབ་ཞེས་པའི་ལས་དོན་འགོ་འཛུགས་བྱས་ཡོད། 

འདྲི་ཞིབ་དེ་ལོ་གསུམ་ནང་གཏན་འཁེལ་བྱས་ཀྱང་ཁུན་སི་ལན་ཌིའི་ནང་ཁ་གཏད་ཆབ་སྲིད་ཚོགས་པ་གུ་ཡངས་ཚོགས་པས་གལ་སྲིད་ཟླ་བ་འདིའི་ནང་མངའ་སྡེའི་འོས་བསྡུ་ལས་རྒྱལ་ཁ་ཐོབ་ཚེ་ཁྲིམས་ལུགས་དེ་ཕྱིར་བསྡུ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག 

ཁུན་སི་ལན་ཌིའི་ནང་བདེན་དོན་སྨྲ་བ་དང་གསོ་བཅོས་འདྲི་ཞིབ་ལྷན་ཁང་གི་ཚོགས་གཙོ་ཇོ་ཤུ་ཝ་ཁེ་རེ་མར་ Joshua Creamer ལགས་ཀྱིས་གོ་སྐབས་དེ་ཤོར་སྲིད་སྐོར་ཡང་བརྗོད་འདུག 

ང་ཚོས་རང་ཉིད་ཀྱི་ལོ་རྒྱུས་གཞན་ལ་བཤད་འདོད་པའི་མི་རྣམས་ལ་དམིགས་བསལ་གྱིས་བློ་ཕམ་སྐྱེ་རུ་བཅུག་སྲིད། ང་ཚོས་སྔོན་ཚུད་ནས་ཁུན་སི་ལན་ཌིའི་མི་མང་པོ་ཞིག་ལ་ཞིབ་འཇུག་གི་ལས་ཀ་འདི་ལ་མཉམ་ཞུགས་བྱེད་དུ་བཅུག་ཡོད། ང་ཚོས་གོ་སྐབས་འདི་ཤོར་དུ་བཅུག་ན། ང་ཚོས་སླར་ཡང་གོ་སྐབས་འདི་འདྲ་ཞིག་འཐོབ་རྒྱུ་ཡིན་པ་བཤད་མི་ཐུབ། དམིགས་བསལ་གྱིས་ད་ལྟའི་མི་རྣམས་ཀྱི་མི་ཚེའི་ནང་དུ་གོ་སྐབས་འདི་འཐོབ་རྒྱུ་ཡིན་པ་བཤད་མི་ཐུབ་ཅེས་གསུངས་འདུག 

ནིའུ་སའོ་ཐི་ཝལ་མངའ་སྡེས་ NSW གདོད་མའི་མི་རིགས་ཀྱི་བདེན་དོན་དང་ཆིངས་ཡིག་གི་བྱ་རིམ་གང་འདྲ་ཡིན་མིན་རྟོག་ཞིབ་བྱེད་མཁན་ཞིབ་དཔྱོད་ལྷན་ཚོགས་ཤིག་བཙུགས་ཡོད་ཀྱང་། མངའ་སྡེ་གཞན་དག་དང་བསྡུར་ན་ལས་དོན་དལ་མོ་ཆགས་ཀྱི་ཡོད་པ་རེད།

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service