གདོད་མའི་མི་རིགས་ཀྱི་དགོས་འདུན་ཆེད་མང་མོས་འོས་བསྡུ་ལས་རྒྱབ་སྐྱོར་མ་ཐོབ།

R2R PODCAST GFX ABORIGINAL FLAG TORRES STRAIT FLAG_RED.jpg

ཨོ་སི་ཊོ་ལི་ཡའི་མངའ་སྡེ་དྲུག་དང་བྱང་ཕྱོགས་ས་ཁུལ་བཅས་ས་གནས་ཁག་བདུན་གྱི་མི་མང་ཚོས། ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱིས་གྲོས་ཚོགས་ལ་ཕུལ་བའི་དགོས་འདུན་འབོད་སྒྲ་དེ་རྩ་ཁྲིམས་ནང་བཅུག་རྒྱུར་མང་མོས་རྒྱབ་སྐྱོར་བྱས་མེད་པ་རེད། ཨོ་སི་ཊོ་ལི་ཡ་རྒྱལ་ས་མངའ་ཁུལ་གཅིག་པུ་ནས་མང་མོས་རྒྱབ་སྐྱོར་ཐོབ་ཡོད།


ཨོ་སི་ཊོ་ལི་ཡའི་འོས་ཤོག་འཕེན་མཁན་མི་མང་མང་ཆེ་བས་རྒྱབ་སྐྱོར་མེད་ཅེས་འོས་ཤོག་འཕེན་ཡོད་པ་དང་། མང་མོས་འོས་བསྡུ་འདི་ནི་འདས་པའི་ལོ་ངོ་ ༢༤ ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

ཏཱ་སི་མ་ནིང་ཨ་ནས་ཡིན་པའི་བུད་མེད་འདིས་ཁ་མོས་རྒྱབ་སྐྱོར་མེད་ NO ལ་འོས་ཤོག་འཕེན་ཡོད་སྐོར་བརྗོད་འདུག

ངས་མི་མང་པོ་ཞིག་ལ་བཤད་པ་ཡིན། འདི་འདྲའི་འོས་བསྡུ་ཞིག་དགོས་ཀྱི་རེད་བསམས་ཀྱི་མི་འདུག སེམས་སྐྱོ་དགོས་པ་ཞིག་ལ་ཁོང་ཚོ་ཡང་ཁོང་ཚོ་རང་ཉིད་ལས་ཁ་བྲལ་དུ་གཏོང་གི་ཡོད་པའི་གནས་སྟངས་ཤིག་མཐོང་གི་འདུག གདོད་མའི་མི་རིགས་ཁོང་ཚོ་རང་ཉིད་ཀྱིས་ཀྱང་དེ་འདྲ་ཞིག་འདོད་པ་ཡོད་ཀྱི་མ་རེད་བསམས་ཀྱི་འདུག་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་ས་ཁུལ་དང་མངའ་སྡེ་གཞན་དག་ལྟར་ཏཱ་སི་མ་ནིང་ཨ་མངའ་སྡེའི་འོས་ཤོག་འཕེན་མཁན་མང་ཆེ་བས་ཀྱང་ཁོང་ཚོའི་བསམ་ཚུལ་ལྟར་གནད་དོན་དེར་རྒྱབ་སྐྱོར་བྱས་མེད་པ་རེད། 

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་ར་མངའ་ཁུལ་དུ་འོས་ཤོག་འཕེན་མཁན་མང་ཆེ་བས་གདོད་མའི་མི་རིགས་ཀྱི་དགོས་འདུན་འབོད་སྒྲ་དེ་རྩ་ཁྲིམས་ནང་བཅུག་རྒྱུར་མོས་མཐུན་རྒྱབ་སྐྱོར་ཡོད་ Yes ཞེས་འོས་ཤོག་འཕེན་ཡོད་པ་རེད། 

རྒྱབ་སྐྱོར་ཡོད་ Yes ལ་ལས་འགུལ་སྤེལ་མཁན་ཐོ་མཱ་སི་མཱ་ཡོ་ Thomas Mayo ལགས་ཀྱིས་ཁོང་ཉིད་བློ་ཕམ་ཆེན་པོ་བྱུང་སྐོར་གསུངས་འདུག

ང་ཚོས་གནད་དོན་འདིའི་ཐོག་དཀའ་ལང་མང་པོ་ཞིག་བརྒྱབ་པ་ཡིན། དཀའ་ལས་དེ་ཉེ་བའི་ཆར་གཅིག་པུར་བརྒྱབ་པ་ཞིག་མ་རེད། ཁང་པ་འདིའི་ནང་ཡོད་མཁན་དེ་ཚོ་གཅིག་པུ་མ་རེད། རྒྱལ་ཡོངས་སུ་མི་ཁྲི་བདུན་ ༧༠༠༠༠ ཙམ་གྱིས་དཀའ་ལས་བརྒྱབ་ཡོད་པ་རེད། གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཚོས་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ལ་རེ་བ་དང་ཡིད་ཆེས་བཅོལ་ཡོད་པ་རེད། ལོ་ངོ་བཅུ་ཕྲག་མང་པོར་ང་ཚོའི་ཐོབ་ཐང་ཆེད་ང་ཚོས་དཀའ་ལས་བརྒྱབ་པ་དང་འཐབ་རྩོད་བྱས་པ་དེ་དོ་དགོང་རྡུང་རྡེབ་ཕོག་སོང་ཞེས་གསུངས་འདུག 

ཨོ་སི་ཊོ་ལི་ཡའི་སྲིད་བློན་ཨན་ཐོ་ནིང་ཨལ་བྷ་ནེ་སི་ Anthony Albanese མང་མོས་འོས་བསྡུའི་གྲུབ་འབྲས་དེ་ངོས་ལེན་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་ཡོད་པ་རེད།

སྲིད་བློན་ཨན་ཐོ་ནིང་གིས་མང་གཙོའི་ལམ་ནས་ཨོ་སི་ཊོ་ལི་ཡའི་མི་མང་གིས་ཐག་གཅོད་དེ་ངས་མཐའ་གཅིག་ཏུ་གུས་བརྩི་ཞུ་རྒྱུ་ཡིན། དེ་རིང་ཁ་སང་འཛམ་གླིང་ནང་གནས་ཚུལ་སྣ་ཚོགས་ཀྱི་ལྷག་གི་ཡོད་ཀྱང་ང་ཚོས་ཞི་བདེ་དང་འདྲ་མཉམ་ཐོག་ནས་ཐག་གཅོད་ཆེན་པོ་ཞིག་བྱས་ཡོད་པ་རེད། རྒྱལ་ཡོངས་ཀྱིས་དྲི་བ་དེ་ཚོ་ལ་ངོས་འཛིན་གསར་པ་ཞིག་བྱུང་ཡོད་པ་རེད་ལ། བརྒྱུད་ལམ་དེས་རྒྱལ་ཁབ་ཀྱི་དམིགས་ཡུལ་གསར་པ་ཞིག་ལ་དྲིས་ལན་རྙེད་ཡོད་པ་རེད་ཅེས་གསུངས་འདུག 

གདོད་མའི་མི་རིགས་ཀྱི་བློན་ཆེན་ལིན་ཌ་བྷུར་ནེ་ Linda Burney ཁོ་མོས་སེམས་ཚོར་དང་བཅས་ཏེ་ཁ་ཐུག་གདོད་མའི་མི་རིགས་རྣམས་ལ་གསུངས་དོན།

ཉེ་བའི་ཟླ་བ་ཁ་ཤས་ནང་དཀའ་ལས་ཁག་པོ་བྱུང་ཡོད། ཡིན་ན་ཡང་སོ་སོ་རང་ཉིད་སུ་ཡིན་མིན་ལ་སྤོབས་པ་སྐྱེ་དགོས་པ་རེད་ལ། སོ་སོ་རང་ཉིད་ཀྱི་ངོ་བོ་དེ་ལ་སྤོབས་པ་སྐྱེ་དགོས་པ་རེད། མ་ཚད་ལོ་ངོ་ ༦༥༠༠༠ ཙམ་གྱི་ལོས་རྒྱུས་དང་རིག་གཞུང་ལྡན་པའི་མི་རིགས་ཤིག་གི་ཆ་ཤས་དང་། རྒྱལ་ཁབ་འདིའི་ནང་བདག་དབང་ཡོད་པའི་མི་རིགས་ཤིག་ཡིན་པར་སྤོབས་པ་སྐྱེས་དགོས། ང་ཚོས་མ་འོངས་པར་མུ་མཐུད་འབད་བརྩོན་དང་མདུན་སྐྱོད་བྱེད་དགོས། འདི་ནི་མཐུན་འགྲིག་ཡོང་བར་བྱེད་པའི་མཇུག་སྒྲིལ་བ་ཞིག་མ་ཡིན་ལ། ཟླ་བ་འགའ་ཤས་ནང་ཚུད་དུ་ངས་ང་ཚོའི་གཞུང་ལ་སྟོང་ཆ་འདི་ངེས་པར་དུ་བསྐོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག 

ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཕི་ཊར་དྷུན་ཊོན་ Peter Dutton མང་མོས་འོས་བསྡུ་ལས་ No ལ་འོས་ཤོག་མང་བ་ཐོབ་པ་དེ་རྒྱལ་ཁབ་ལ་ཡག་པོ་བྱུང་བ་རེད་ཅེས་གསུངས་འདུག 

ཁོའི་རྩོད་གླེང་གི་ནང་དུ་ངས་ཐོག་མཐའ་བར་གསུམ་དུ་ང་ལ་བསམ་ཚུལ་ངན་པ་ཞིག་ཡོད་པའི་སྐྱོན་བརྗོད་ཅིག་ཡིན་པར་འདོད་སྲིད་ཀྱང་། ཨོ་སི་ཊོ་ལི་ཡའི་ཤུལ་བཞག་དང་ཡང་ན་ཁོ་ཚོ་ང་ཚོའི་རྒྱལ་ཁབ་ཏུ་ཡོང་བའི་དུས་ཚོད་ལ་གཞིགས་ནས་ཁོ་ཚོ་དབྱེ་འབྱེད་བྱེད་ཀྱི་ཡོད། ཨོ་སི་ཊོ་ལི་ཡའི་མི་ཡོད་ཚད་དང་འདྲ་བར་གདོད་མའི་མི་རིགས་རྣམས་ནུས་ཤུགས་ཞན་པ་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འོས་བསྡུ་ལས་བསམ་འཆར་མི་འདྲ་བ་ཡོད་སྲིད་ཀྱང་བསམ་འཆར་མི་འདྲ་བ་དེ་དག་གིས་ང་ཚོས་རྒྱལ་ཁབ་ལ་དགའ་ཞེན་བྱེད་ཚད་ཆུང་དུ་གཏོང་མི་ཐུབ་ལ་ང་ཚོས་ཕན་ཚུན་ལ་གུས་བརྩི་ཆུང་དུ་ཡང་གཏོང་མི་སྲིད་ཅེས་གསུངས་འདུག 

 གྲོས་ཚོགས་གོང་མའི་འཐུས་མི་ཇཱ་ཤེན་ཏཱ་ Jacinta Nampijinpa ལགས་ཀྱིས་ཁོ་མོས་རྒྱབ་སྐྱོར་མེད་ No ལ་དགའ་བསུ་བྱས་འདུག

ཕྱི་ལོ་ ༢༠༢༣ ལོའི་གདོད་མའི་མི་རིགས་ཀྱི་དགོས་འདུན་འབོད་སྒྲ་སྐོར་མང་མོས་འོས་བསྡུའི་གནས་ཚུལ་ཁག་ SBS གསར་ཁང་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་གསན་གཟིགས་གནང་རྒྱུ་ཡོད་པས་མ་ཚད། གདོད་མའི་མི་རིགས་ཀྱི་སྣང་བརྙན་མཚོན་པའི་བརྙན་འཕྲིན་ NITV ཐོག་ནས་ཀྱང་གནས་ཚུལ་ཁག་གསན་གཟིགས་རྒྱུ་ཡོད།

SBS གསར་ཁང་གིས་མང་མོས་འོས་བསྡུ་སྐོར་ཆེད་སྒྲིག་ལེ་ཚན་ཁག་དྲ་ཐག་
SBS Voice Referendum portal འདི་ནས་གཟིགས། མ་ཚད་མང་མོས་འོས་བསྡུ་སྐོར་རྩོམ་ཡིག་དང་། སྒྲ་སྒམ། བརྙན་པར་སོགས་གསར་འགྱུར་གསར་ཤོས་ཁག་ SBS ཡི་ཁྱོན་སྐད་ཡིག་ཁག་ ༦༠ ཙམ་གྱི་ནང་གསན་གཟིགས་གནང་རྒྱུ་ཡོད།

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service